甘肃省藏医药研究院主办的《藏医药研究》杂志征稿通知

甘肃省藏医药研究院主办的《藏医药研究》杂志征稿通知

2025-11-29 59

༄༅།།གངས་ཅན་གསོ་རིག་སྨྲ་བ་ཡོངས་ཀྱི་སྙན་ལམ་དུ་ཞུ་མཆིད།


  ཀན་སུའུ་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་གསོ་རིག་ཞིབ་འཇུགདུས་དེབ་འདི་ནི་མདོ་སྨད་ཡུལ་དུ་ཆེས་སྔ་ཤོས་ཀྱི་རིག་གཞུང་དུས་དེབ་གྲས་སུ་ཚུད་ཡོད་པར་མ་ཟད། རྒྱ་ཆེའི་ཀློག་པ་པོ་དག་གིས་བསྔགས་བརྗོད་ཀྱང་མི་དམན་པ་ཐོབ་མྱོང་། ཉེ་བའི་ལོ་ཁ་ཤས་ལ་མུ་མཐུད་དུ་འདོན་པའི་བསྐལ་བ་དབེན་པར་གྱུར། ད་རེས་ཞིབ་འཇུག་གླིང་གི་དབུ་ཁྲིད་རྣམ་པས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཡང་བསྐྱར་འདོན་སྤེལ་གྱི་གོ་སྐབས་འཕྲད། ད་ལྟ་སྤྱིའི་དེབ་གྲངས་ཉི་ཤུ་བའི་མུར་མཐུད་ནས་འདོན་སྤེལ་བྱེད་རྩིས་ཡོད། དུས་དེབ་འདི་ལ་མཚོན་ན་ཀན་སུའུ་ཞིང་ཆེན་གྱི་སྨན་རྩིས་བསྟན་པའི་གནས་བབ་དང་འབྱུང་འགྱུར་བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་འདེབས། མྱོང་གོམས་བརྗེ་རེས། ཕན་ཚུན་མཉམ་བསྐྱེད་བྱེད་རྒྱུ་བཅས་བླང་བྱ་གཙོ་བོར་བཟུང་ཞིང་དུས་དེབ་ཀྱི་སྒྲིག་གཞི་དང་སྤུས་ཚད་ཇེ་ལེགས། རིག་གཞུང་གི་ཆུ་ཚད་ཇེ་མཐོར་གཏོང་ཕྱིར་ཆེད་ཚན་མི་ཉུང་བ་ཞིག་བཀར་ཡོད་དེ། གསོ་རིག་ལོ་རྒྱུས་ཞིབ་འཇུགདངརྨང་གཞིའི་གཞུང་ལུགས་ཞིབ་འཇུག ཡིག་ཚང་ཞིབ་འཇུག ནད་ཐོག་ཞིབ་འཇུག སྨན་རྫས་ཞིབ་འཇུག གནམ་རིག་སྐར་རྩིས། ལུས་སེམས་བདེ་སྲུང་།  ནད་གཡོག་རིག་པ། སྒྱུར་རྩོམ། གནའ་དེང་བསྡུར་དཔྱོད་བཅས་དཔྱད་རྩོམ་གྱི་ནང་དོན་ལ་དམིགས་ཏེ་དགོས་ངེས་ཀྱི་སྒྲིག་འགོད་བྱས་ཡོད་པས། རྒྱ་ཆེའི་རྩོམ་པ་པོ་དག་གིས་ནང་དོན་ཕུན་སུམ་ཚོགས་ཤིང་ཞིབ་འཇུག་གི་རིན་ལྡན་པའི་དཔྱད་རྩོམ་གྱི་རིགས་གང་ཡང་བསྐུར་གནང་ཡོང་བར་ཞུའོ།།


 དཔྱད་རྩོམ་གྱི་རེ་འདུན།


  དཔྱད་རྩོམ་གྱི་ཁ་བྱང་དང་། རྩོམ་པ་པོ།མིང་།  ལས་ཁུངས། ལས་གནས། ལག་རྩལ་གྱི་ཐོབ་ཐང་། ལས་ཁུངས།  སློབ་གནས། སྦྲག་ཨང་།ནང་དོན་གནད་བསྡུས། གནད་ཚིག་བཅས་ནི་ངེས་པར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་འབྲི་དགོས་པ།


 དཔྱད་རྩོམ་དངོས་ལ་གླེང་གཞི་དང་། དངོས་གཞིའི་ནང་དོན། མཇུག་བསྡུ་བ་བཅས་ཀྱི་སྒོ་ནས་འབྲི་དགོས་ཤིང་། དངོས་གཞིའི་ནང་དོན་འབྲི་སྐབས་བརྗོད་བྱའི་ནང་དོན་གྱི་རྒྱ་ཆེ་ཆུང་གཞིར་བཟུང་ནས་དང་པོ། གཉིས་པ་ཞེས་རིམ་པར་འགོད་པ་དང་། དེའི་ནང་གསེས་གཅིག །གཉིས་སོགས་འགོད་པ། དེའི་ནང་གསེས་སུ་༡ ༢ ༣ སོགས་འགོད། དེའི་ནང་གསེས་སུ་༡.༡  ༡.༢ སོགས་དགོས་དབང་ལྟར་ས་བཅད་ཞིབ་ཕྲར་དབྱེ་ནས་འབྲི་ཆོག


  ནང་དོན་གནད་བསྡུས་འབྲི་སྐབས་ཞིབ་འཇུག་གི་དམིགས་ཡུལ་(目的)དང་། ཐབས་ལམ།(方法)འབྲས་བུ། (结果)མཇུག་སྡོམ་(结论)བཅས་སྒྲིག་གཞི་ཅན་གྱི་སྒོ་ནས་འབྲི་དགོས། བོད་ཡིག་གི་ནང་དོན་གནད་བསྡུས་ལ་ཡིག་འབྲུ་200ནས་400བར་ཡོད་དགོས་པ་དང་། རྒྱ་ཡིག་གི་ནང་དོན་གནད་བསྡུས་ལ་ཡིག་འབྲུ་200-300ཡོད་དགོས།  གནད་ཚིག་ཐ་སྙད་3ནས་5བར་ཡོད་དགོས།


 དཔྱད་རྩོམ་དེ་རྩོམ་པ་པོ་རང་ཉིད་ཀྱིས་གསར་དུ་བྲིས་པ་ལས་གཞན་ལས་སྤོ་བཤུ་དང་དེ་སྔོན་དཔེ་སྐྲུན་བྱས་ཟིན་པ་མ་ཡིན་པ་དང་།  དཔྱད་རྩོམ་གྱི་བོད་ཡིག་ཧིགཟུགས་珠穆朗玛乌金萨钦体Qomolangma-UchenSarchenརྩོམ་བྱང་དང་ས་བཅད་ཁ་བྱང་།)(四号)དང་珠穆朗玛乌金萨琼体Qomolangma-UchenSarchungགཞུང་དངོས་)(五号)ཡིན་དགོས་པ་དང་། རྒྱ་ཡིག་ཡིག་གཟུགས་宋体(五号)དབྱིན་ཡིག་ཡིག་གཟུགས་Times New Roman(四号)ཨ་རབ་ཨང་ཀིའི་ཡིག་གཟུགས་Times New Roman(五号)ལམ་ནས་ཡིག་འབྲུ་3000ནས་8000བར་ཡིན་དགོས།


༣ དཔྱད་གཞིའི་ཡིག་ཆ་གོ་རིམ་ལྟར་རྩོམ་པ་པོ་དང་བརྩམས་ཆོས། རིགས་ཁུངས། དཔེ་སྐྲུན་ཁང་། པར་སྐྲུན་ལོ་དུས། ཤོག་གྲངས་བཅས་འབྲི་དགོས་ཏེ། དཔེར་ན། གཡུ་ཐོག་ཡོན་ཏན་མགོན་པོ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།[M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015.01 P108


༤ དཔྱད་རྩོམ་གྱི་ཡིག་གཟུགས་གྲ་དག་ཅིང་། བྲིས་ལེགས་པ། ཆད་ལྷག་དང་བསུབ་ནོག་མེད་པར་ཞུས་དག་གཏན་འབེབས་བྱས་རྗེས། དཔྱད་རྩོམ་བསྐུར་དུས་ངེས་པར་དུ་Wordརྣམ་པའི་སྒོ་ནས་བོད་ཀྱི་གསོ་རིག་ཞིབ་འཇུག་དུས་དེབ་ཀྱི་ཡིག་སྒམ་tbgzxl@163.comགཅིག་པུར་བསྐུར་དགོས་ལ།  ཡིག་ཆའི་མིང་དཔྱད་རྩོམ་གྱི་ཁ་བྱང་དང་རྩོམ་པ་པོའི་མིངབྲིས་ནས་བསྐུར་དགོས། དཔེར་ན། རླུང་ནད་དཔུང་འཇའི་བརྟག་བཅོས་ལ་དཔྱད་པ།  བཀྲ་ཤིས། ཚེ་རིང་། ལྟ་བུ། རྩོམ་སྒྲིག་ཁང་གི་རེ་བ་ལྟར་བཟོ་བཅོས་བྱས་ཟིན་པའི་དཔྱད་རྩོམ་ཡིན་ན་ཡིག་ཆའི་མིང་བོད་ཡིག་གི་དཔྱད་རྩོམ་ཁ་བྱང་མཇུག་ཏུ་བཟོ་བཅོས་ཞེས་བྲིས་ནས་བསྐུར་དགོས། དཔེར་ན། རླུང་ནད་དཔུང་འཇའི་བརྟག་བཅོས་ལ་དཔྱད་པ། བཟོ་བཅོས། ལྟ་བུ། 


 དཔྱད་རྩོམ་གྱི་མཇུག་ཏུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོའི་མིང་། ལས་ཁུངས། ལས་གནས། ལག་རྩལ་གྱི་ཐོབ་ཐང་། ལས་ཁུངས། སློབ་གནས།  ཁ་པར་ཨང་གྲངས་བཅས་གསལ་བོར་འབྲི་དགོས།


 དཔྱད་རྩོམ་འབྱོར་ནས་ཟླ་གཉིས་ཀྱི་ནང་དུ་ཆེད་མཁས་པས་དཔྱད་འདེམས་བྱས་ཏེ་དུས་དེབ་


སྟེང་འགོད་མིན་གྱི་བརྡ་ལན་གཏོང་ངེས་ཡིན་པས། དེའི་སྔོན་ལ་དུས་དེབ་གཞན་དུ་མི་བསྐུར་བར་འཚལ།


 དུས་དེབ་འདི་ཀན་སུའུ་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་ནས་ལོ་རེར་ཐེངས་རེ་ཚད་ལྡན་དཔར་སྐྲུན་བྱེད་རྒྱུ་ཡིན།


 དཔྱད་རྩོམ་བསྐུར་ཡུལ། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་གཡོན་ཆབ་ལམ་གྱི་ཨང་རྟགས་དང་པོ།


འབྲེལ་གཏུགས་བྱ་ཡུལ།


地址:甘肃省合作市永曲路1号 甘肃省藏医药研究院《藏医药研究》编辑部 

尕藏校郎


邮编:747000  

联系电话:19996151777 


E-mailtbgzxl@163.com